དབྱི་ལིང་གི་ཙུང་ཐུང་གཞུང་སྒྲུབ་ཁང་གི་དཔོན་རིགས་ཀྱིས་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ནི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་པའི་ཚུལ་བསྟན།
2023.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

དབྱི་ལིང་གི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་ཀྲུའུ་རིན་གཞོན་པ་ཅཱ་མུའུ་ཞེ་ཏིས་ཀྱིས་ཚེས་ཉེར་བཞི་ཉིན་བསྟན་དོན། དབྱི་ལིང་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ནི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་ཟེར།

ཁོས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དབྱི་ལིང་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ནི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་པ་དང་། དེ་ནི་དབྱི་ལིང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་འཐབ་ཇུས་རང་བཞིན་གྱི་རྒྱལ་ཁ་ཡིན་པས་དབྱི་ལིང་ལ་རྟེན་འབྲེལ་ཞུ་འོས་ཟེར།

ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་བར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བ་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས། ཚེས་ཉེར་བཞི་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བའི་དམིགས་བསལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ལས་ཁྱབ་བསྒྲགས་བྱས་དོན། སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀེན་ཐེན། དབྱི་ལིང་། ཨེ་ཙེ་ཨོ་ཕི་ཡཱ་བཅས་གདན་དྲངས་ནས་དངོས་སུ་གསེར་གྱོམ་ཁྱིམ་གཞི་ཆེན་མོའི་ཁོངས་གཏོགས་རྒྱལ་ཁབ་རྒྱལ་ཁབ་ཏུ་གྱུར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།