སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་ཉེར་བཞི་ཉིན་བསྟན་དོན། སོ་ཏི་ཨ་རབ་ཀྱིས་གསེར་གྱོམ་རྒྱལ་ཁབ་བར་སྔར་ལས་མང་བའི་མཉམ་ལས་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།
སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མར་ཚོགས་འདུར་ཞུགས་བཞིན་པའི་ཧྥེ་སཱ་ཨར་གྱིས་ཉིན་དེར་བསྟན་དོན། སོ་ཏི་ཨ་རབ་དང་གསེར་གྱོམ་རྒྱལ་ཁབ་བར་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་ཡོད་པ་དང་། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནི་རྒྱལ་ཁབ་སོ་སོའི་བར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། སོ་ཏི་ཨ་རབ་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱིས་སོ་ཏི་ཨ་རབ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་གདན་ཞུ་བྱས་པར་གཟེང་བསྟོད་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།