ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཀྱིས་ཚེས་ཉེར་བཞི་ཉིན་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ནི་རླབས་ཆེ་བའི་དུས་སྐབས་ཤིག་ཡིན་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་རུ་གྲོས་ཚོགས་ལ་ཞུགས་བཞིན་པའི་ཨ་པུས་ཀྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དེ་རིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཨེ་ཙེ་ཨོ་ཕི་ཡཱ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། དེ་ནི་ཨེ་ཙེ་ཨོ་ཕི་ཡཱ་ལ་མཚོན་ན་རླབས་ཆེ་བའི་དུས་སྐབས་ཤིག་རེད། ཨེ་ཙེ་ཨོ་ཕི་ཡཱ་ཡིས་དུས་ངེས་མེད་དུ་ཕྱོགས་སོ་སོའི་བར་མཉམ་ལས་བྱས་ཏེ། དཀྱེལ་ཡངས་དང་དར་རྒྱས་ཀྱི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་འཛུགས་པར་གྲ་སྒྲིག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།