ཨ་ཀེན་ཐེན་གྱི་ཙུང་ཐུང་གིས་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ལས་ཨ་ཀེན་ཐེན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱས་ཡོད་པའི་ཚུལ་བསྟན།
2023.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཀེན་ཐེན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ལས་ཨ་ཀེན་ཐེན་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད་པ་དང་། ཨ་ཀེན་ཐེན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱེད་དུ་བཅུག་ཡོད་ཟེར།

ཧྥེ་ཨར་ནན་ཏི་སི་ཡིས་ཉིན་དེར་དྲ་ཐོག་ཏུ་བརྙན་རིས་གཏམ་བཤད་སྤེལ་ཏེ། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ནི་ཨ་ཀེན་ཐེན་གྱིས་སྔར་ལས་མཛའ་མཐུན་དང་སྒོ་འབྱེད་ཀྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། ཨ་ཀེན་ཐེན་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འདྲ་མཉམ། མི་དམངས་ཀྱི་བདེ་སྐྱིད་བཅས་ལ་སྐུལ་འདེད་གཏོང་ཐུབ། གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་དག་ནི་ཨ་ཀེན་ཐེན་གྱི་ཉོ་ཚོང་གྲོགས་པོ་གལ་ཆེན་ཡིན་ལ། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་རྗེས། ཨ་ཀེན་ཐེན་གྱིས་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གྱི་ཉོ་ཚོང་འགྲོ་འོང་སྔར་ལས་སྟབས་བདེ་རུ་འགྱུར་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།