ཐ་སི་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡི་སྐད་ཆ་དྲངས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྒྱ་གར་དུ་ཟླ་དགུ་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་སུ་འགྲོ་རྒྱུ་མ་རེད་ཟེར།
ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་མིག་སྔར་བྲེལ་བ་ཧ་ཅང་ཆེ་བ་དང་། ཁོས་དོ་སྣང་བྱེད་ས་གཙོ་བོ་ནི་སྔར་བཞིན་དུ་དམིགས་བསལ་དམག་དོན་འགུལ་སྐྱོད་ཡིན་པས། རྒྱ་གར་གྱི་དྷི་ལེ་གསར་བར་རྩེ་ཚོགས་ལ་ཞུགས་པར་འགྲོ་རྩིས་མེད་ཟེར།
ཕུའུ་ཅིན་བརྙན་རིས་སོགས་ཀྱི་རྣམ་པར་བརྟེན་ནས་རྩེ་ཚོགས་ལ་ཞུགས་རྒྱུ་ཡིན་མིན་གྱི་དྲི་བར་ལན་འདེབས་སྐབས། ཕེ་སི་ཁོ་ཧྥུའུ་ཡིས་དེའི་སྐོར་གྱི་གནས་ཚུལ་ད་དུང་ཐག་བཅད་མེད་ཅེས་བཤད།