ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་སྟེང་གི་གསུང་བཤད་གལ་ཆེན་ལ་ཨ་ཧྥེ་རི་ཁ་གླིང་གི་ལས་རིགས་སོ་སོར་ཚུར་སྣང་ཆེན་པོ་བྱུང་ཡོད་པ་དང་། ཁོ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་གི་གཞི་གཅིག་ཅན་དང་དེང་རབས་ཅན་གྱི་ལས་དོན་ལ་རོགས་འདེགས་བྱེད་པའི་ཐད་བཏོན་པའི་བྱེད་ཐབས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་སྟོན་ཐུབ་པར་ཡིད་ཆེས་ཡོད་ཟེར།
མའོ་ལོ་ཀིའི་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པུའུ་ཞེ་པཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དེང་རབས་ཅན་གྱི་བགྲོད་ལམ་ཐད་ཀྱི་རྣམ་བཤད་ལ་ཡིད་འཐད་ཡིན་པའི་ཚུལ་བསྟན་པ་དང་། ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་མགོར་ལྷག་ཏུ་དོ་སྣང་བྱེད་བཞིན་ཡོད་པའི་ཚུལ་བསྟན།
ཁུན་ནེ་ཡཱའི་ཨ་ཧྥེ་རི་ཁ་གླིང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རིན་མུའུ་ནེ་ནེ་ཡིས་ཀྲུའུ་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འཇོན་མིའི་གསོ་སྐྱོང་གི་མཉམ་ལས་འཆར་གཞིར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོས་བཤད་རྒྱུར། མ་འོངས་པར་སྔར་ལས་མང་བའི་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་དག་ལ་དེ་ལས་ཁེ་ཕན་ཐོབ་ཐུབ་ལ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འཇོན་མིའི་མཉམ་ལས་དེས་ཨ་ཧྥེ་རི་ཁ་གླིང་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་སྔར་ལས་མང་བའི་རོགས་སྐྱོར་འདོན་སྤྲོད་བྱེད་ཐུབ་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།