ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། འཇར་པན་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་མང་ཚོགས་དང་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་གྲོས་མི་སྐོར་ཞིག་གིས་ཧྥུའུ་ཏའོ་ཕན་ཁྲིན་གྲོང་ཁྱེར་གྱི་མཚོ་འགྲམ་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་དང་ཏུང་ཅིང་གློག་ཤུགས་ཀུང་ཟིས་ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་དང་པོའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་མཚམས་འཇོག་དགོས་པའི་རེ་བ་བཏོན། ངོ་རྒོལ་བྱེད་པའི་མང་ཚོགས་ཀྱིས་བསྟན་དོན། འཇར་པན་སྲིད་གཞུང་གིས་རྒྱལ་དམངས་ཀྱི་དམ་བཅའ་སྣང་མེད་དུ་བསྐྱུར་ནས། ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བས། ཁོ་ཚོས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།