རྒྱལ་ཁབ་མང་བོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བར་ཞུགས་ཏེ་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་པར་གདེང་འཇོག་ཆེན་པོ་བྱས།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བར་ཞུགས་ཏེ་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་ནས། གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་ལས་གསེར་གྱོམ་མཉམ་ལས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་བཅས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཁྲིད་སྟོན་བྱེད་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་དོན་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ལ། དེ་ལས་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་ཁག་ཁུར་མངོན་པར་མཚོན་ཡོད་ཟེར།

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་གཉིས་རྒྱལ་གྱི་གསེར་གྱོམ་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས་ཏེ། གསེར་གྱོམ་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ཀྲུང་གོའི་ཇུས་གཞི་བཏོན་ཡོད་པ་དང་། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱི་ཆུ་ཚད་ཇེ་མཐོར་བཏང་ཡོད་པར་མ་ཟད། ཤུགས་ཆེན་པོས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་བྱས་ནས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་བཏོན་ཡོད་ཟེར།

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མིག་དཔེ་སྟོན་དགོས་པའི་འདོད་བློ་དེ་ནི་དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འཐབ་ཇུས་མཉམ་ལས་ཀྱི་མཛུབ་སྟོན་ཡིན། ཀྲུང་གོས་ལྷག་བསམ་རྣམ་དག་དང་ཧུར་ཐག་སྒོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་མིག་དཔེ་བཟང་བོ་བསྟན་ཡོད་ལ། དེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།