ཞི་ལཱའི་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་ནུབ་ནས་མི་བཅུ་རྐྱེན་ལམ་དུ་ཤོར།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཞི་ལཱའི་ཡཱ་ཏེན་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་གྲུ་གཟིངས་ཤིག་ཉིན་དེར་ཞི་ལཱའི་ཤར་ཕྱོགས་ཀྱི་ལའེ་སི་བོ་སི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་ནས། མི་བཞི་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ཞི་ལཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དོན་རྐྱེན་བྱུང་རྗེས་མི་བཅོ་བརྒྱད་བསྐྱབས་པ་རེད། ཉིན་དེར་གླིང་ཕྲན་དེའི་ཉེ་འདབས་སུ་བསྡོམས་པས་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཐེངས་གསུམ་བྱུང་བ་དང་། བསྡོམས་པས་མི་བརྒྱད་ཅུ་བསྐྱབས་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཞི་ལཱ་དེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ཡོ་རོབ་གླིང་དུ་ལྐོག་འབྲོས་བྱེད་པའི་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ལོ་རེར་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ཞི་ལཱ་བརྒྱུད་དེ་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པར་འགྲོ་བཞིན་ཡོད་ལ། ཞི་ལཱའི་ཉེ་འདབས་མཚོ་ཁོངས་སུ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ནུབ་པའི་དོན་རྐྱེན་མང་དུ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།