སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ཨེ་ཅིབ་ཏུ་འབྱོར་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཐུག་འཕྲད་བྱས། དེ་ནི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་སུའུ་ཏན་ནས་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། པུའུ་ཨར་ཧན་ཐོག་དང་པོར་སུའུ་ཏན་དང་བྲལ་བ་རེད།
ཚེས་ཉེར་བརྒྱད་ཉིན་པུའུ་ཨར་ཧན་གྱིས་སུའུ་ཏན་གྲུ་ཁ་ནས་གཏམ་བཤད་སྤེལ་ཏེ། ད་ལྟ་ད་རུང་གྲོས་མོལ་བྱེད་པའི་སྐབས་ལ་ཐོན་མེད་པ་དང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་མུ་མཐུད་དུ་ཤུགས་ཆེན་པོས་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར། ཁོས་ནན་བཤད་བྱས་དོན། སུའུ་ཏན་སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་གང་རུང་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་རང་གི་སྟོབས་ཤུགས་ལ་བརྟེན་ནས་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དུས་ཡུ་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་ཕྱོགས་སུ་འབད་བརྩོན་བྱེད་རྒྱུ་མ་ཟད། འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཆ་རྐྱེན་འདོན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།