པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་རྒྱ་བསྐྱེད་བྱས་རྗེས་ཀྱི་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་སྔར་ལས་སྟོབས་ལྡན་དང་གལ་ཆེན་ཡིན་པའི་ཚུལ་བསྟན།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་ཉེར་དགུ་ཉིན་བསྟན་དོན། རྒྱ་བསྐྱེད་བྱས་རྗེས་ཀྱི་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་སྔར་ལས་སྟོབས་ལྡན་དང་གལ་ཆེན་ཡིན་ཟེར།

ཉིན་དེར་བཏང་བའི་དྲ་སྟེང་གི་ཐད་གཏོང་ལེ་ཚན་ཙུང་ཐུང་དང་ཁ་བརྡ་བྱེད་ཅེས་པའི་ནང་ལུའུ་ལཱ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བའི་སྐབས་སུ་སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀེན་ཐེན། དབྱི་ལིང་། ཨེ་ཙེ་ཨོ་ཕི་ཡཱ་བཅས་གདན་ཞུ་བྱས་ནས་དངོས་སུ་གསེར་གྱོམ་ཁྱིམ་གཞི་ཆེན་མོའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བས། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་དེ་སྔར་ལས་སྟོབས་ལྡན་དང་གལ་ཆེན་དུ་གྱུར་ཡོད་ཟེར།

ལུའུ་ལཱ་ཡིས་བཤད་རྒྱུར། རྒྱ་བསྐྱེད་བྱས་རྗེས་ཀྱི་གསེར་གྱོམ་རྒྱལ་ཁབ་ནང་ཁུལ་གྱི་སྤྱིའི་ཐོན་རིན་གྱི་སྡོམ་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱི་གྲངས་ཁྲོད་ཟིན་པའི་བསྡུར་ཚད་ཇེ་ཆེར་སོང་ཡོད་པས་འཛམ་གླིང་ཧྲིལ་བོ་སྔོན་དང་མི་འདྲ་ཟེར། ཁོས་གསེར་གྱོམ་རྒྱལ་ཁབ་དག་སྔར་ལས་སྟོབས་ལྡན་དུ་འགྱུར་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།