ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། མུ་མཐུད་དུ་ཝུའུ་ཙེ་པེ་ཁི་སི་ཐན་དང་ཀྲུང་གོའི་འགྲོ་འོང་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ཝུའུ་ཙི་པེ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཡུས་ཅོན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ནི་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་དུས་ཚོད་ཀྱི་ཉམས་སད་ཐེག་པའི་བློས་ཐུབ་ཀྱི་གྲོགས་པོ་ཡིན་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་མཛའ་བརྩེ་ཟབ་མོ་ལས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་དུས་རབས་གསར་བར་ཞུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་རྒྱ་བསྐྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། ལྷད་མེད་དཔལ་འབྱོར། དེང་རབས་ཞིང་ལས། དབུལ་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཡུས་ཅོན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་ཆུ་ཚད་མཐོ་བའི་འཁོར་སྐྱོད་སྲུང་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙེ་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱུན་ཆད་མེད་པར་ཆབ་སྲིད་ཡིད་ཆེས་ལ་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཐད་ནས་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།