ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་གཅིག་ཉིན་པེ་རུ་ཐི་ནས་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱུང་ན་ས་ཁུལ་རང་དང་ལེ་པཱ་ནུན་ལ་ཤུགས་རྐྱེན་བཟང་བོ་ཐེབས་སྲིད་ཟེར།
ཁོས་ད་རུང་བཤད་རྒྱུར། དབྱི་ལིང་གིས་ལེ་པཱ་ནུན་ཉམས་ཉེན་ལས་ཐར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལེ་པཱ་ནུན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ལེ་པཱ་ནུན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་རེ་འགས་མངོན་སུམ་དང་ཡང་ན་གསང་བའི་སྒོ་ནས་དབྱི་ལིང་བར་གྲོས་མོལ་བྱས་ཏེ་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་བཞིན་ཡོད། དབྱི་ལིང་གིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ལེ་པཱ་ནུན་གྱི་ཆབ་སྲིད་ཆོད་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། རྒྱུ་མཚན་ནི་དེ་ལས་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་པས་ཡིན་ཟེར།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་དང་ལེ་པཱ་ནུན་བར་ཡུན་རིང་བའི་འཐབ་ཇུས་འབྲེལ་བ་བཟང་བོ་ཡོད་ཅིང་། དུས་ངེས་མེད་དུ་ལེ་པཱ་ནུན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་སྣ་ཚོགས་བྱེད་འདོད་ཡོད། ལེ་པཱ་ནུན་སྲིད་གཞུང་གིས་ཐག་གཅོད་བྱས་ན། དབྱི་ལིང་གིས་མྱུར་མོར་ལག་རྩལ་དང་བཟོ་སྐྲུན་ཚོགས་ཁག་ལེ་པཱ་ནུན་དུ་མངག་ནས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་ཏེ། ལེ་པཱ་ནུན་གྱིས་ནུས་ཁུངས་ཉམས་ཉེན་ཁྱད་བསལ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།