ནེ་ཀྲི་རི་ཡཱའི་ཙུང་ཐུང་གིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་ཕྱི་སྡོད་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
2023.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ནེ་ཀྲི་རི་ཡཱའི་ཙུང་ཐུང་ཐིས་ནོའུ་པུའུ་ཡིས་ཚེས་གཉིས་ཉིན་བཀའ་རྒྱ་ཞིག་ཁྱབ་བསྒྲགས་བྱས་ཏེ། ཉིན་དེ་ནས་བཟུང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་ནེ་ཀྲི་རི་ཡཱའི་ལས་རིགས་དང་ལས་རིགས་མ་ཡིན་པའི་ཕྱི་སྡོད་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཡིན་ཟེར།

ནེ་ཀྲི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་སྤྱི་སྒྲོག་ལྟར་ན། བཀའ་རྒྱ་དེ་ནི་ཐིས་ནོའུ་པུའུ་ཡིས་ནེ་ཀྲི་རི་ཡཱི་ཕྱི་སྡོད་གཞུང་ཚབ་ཁང་དང་དོན་གཅོད་ཁང་གི་ད་ལྟའི་གནས་ཚུལ་ལ་ཞིབ་འཇུག་ཞིབ་མོ་བྱས་རྗེས་ཐག་གཅོད་བྱས་པ་ཡིན་ཟེར།

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཟླ་འདིའི་ཟླ་མཇུག་ཏུ་བསྡུ་བར་བསམ་བློ་བཏང་སྟེ། ནེ་ཀྲི་རི་ཡཱའི་ཉིག་ཡོ་དང་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཐེངས་འདིར་ཕྱིར་འབོད་པའི་གྲས་སུ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།