ཝ་ནི་ཨ་ཐུའུ་གྲོས་ཁང་གིས་ཚེས་བཞི་ཉིན་མི་དམངས་གོང་སྤེལ་ཏང་གི་མགོ་ཁྲིད་པ་སཱ་ཐའོ་ཅིར་མན་རྒྱལ་ཁབ་དེའི་སྐབས་གསར་བའི་ཙུང་ལིར་བདམས་པ་རེད།
ཝ་ནི་ཨ་ཐུའུ་གྲོས་ཁང་ལ་བསྡོམས་པས་ལས་གནས་ང་གཉིས་ཡོད་པ་དང་། ཝ་ནི་ཨ་ཐུའུ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཀུང་ཟི་ཡིས་བསྒྲགས་པ་ལྟར་ན། གྲོས་མི་རྣམས་ཀྱིས་ཉིན་དེའི་ཕྱི་དྲོར་གྲོས་ཚོགས་བསྡུས་ཏེ། མིང་མི་འགོད་པའི་ཐབས་ཀྱིས་ཙུང་ལི་གསར་བ་འདེམ་བསྐོ་བྱས་པ་དང་། སཱ་ཐའོ་ཅིར་མན་ལ་འདེམ་ཤོག་ཉེར་བདུན་ཐོབ། དེའི་སྔོན་ངོ་རྒོལ་ཏང་གིས་ཡིད་ཆེས་མེད་པའི་ཐེར་འདོན་གྲོས་གཞི་བཏོན་པའི་ད་ལྟའི་ཙུང་ལི་ཁཱ་ཨར་སཱ་ཁའོ་ལ་འདེམ་ཤོག་ཉེར་གསུམ་ཐོབ། སཱ་ཐའོ་ཅིར་མན་གྱིས་སྔོན་ཆད་ཐེངས་བཞི་ལ་ཝ་ནི་ཨ་ཐུའུ་ཡི་ཙུང་ལིའི་འགན་ཁུར་མྱོང་།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་སཱ་ཐའོ་ཅིར་མན་གྱིས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་སྲིད་འཛིན་ལས་ཁུངས་གསར་བ་རྩ་འཛུགས་བྱས་པའི་གནས་ཚུལ་ཁྱབ་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།