ཀྲུང་གོ་དང་དབྱི་ཐཱ་ལེའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟླ་དགུ་བའི་ཚེས་བཞི་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་དང་དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་མཉམ་དུ་གྲོས་ཚོགས་ལ་ཞུགས།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐཱ་ལེའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོ་དང་དབྱི་ཐཱ་ལེའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་དབྱི་ཐཱ་ལེའི་མཛའ་མཐུན་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཝང་དབྱེ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ཐཱ་ལེའི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་པའི་རྩ་བ་ནི་ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱས་པ་དང་། མཉམ་དུ་གནའ་བོའི་དཔལ་ཡོན་གྱི་ལོ་རྒྱུས་འགན་འཁྲི་ཁུར་དུ་བླངས་ཏེ། མཉམ་ལས་མཉམ་རྒྱལ་གྱི་དུས་རབས་རླབས་རྒྱུན་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་གོ་དང་དབྱི་ཐཱ་ལེའི་འབྲེལ་བའི་མཛེས་སྡུག་གི་རེ་འདུན་ལག་ལེན་དུ་བསྟར་བའི་དོན་དངོས་ཀྱི་བྱ་སྤྱོད་སྤེལ་བར་ཐུག་ཡོད། ཀྲུང་གོ་དང་དབྱི་ཐཱ་ལེའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཏེ། བརྗེ་རེས་མཉམ་ལས་ཀྱི་སེམས་འདུན་བཟང་བོ་དང་མཛེས་སྡུག་གི་རེ་སྨོན་དེ་བྱེ་བྲག་གི་འགུལ་སྐྱོད་དང་བྱེད་ཐབས། གྲུབ་འབྲས་བཅས་སུ་བསྒྱུར་དགོས་པ་དང་། སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་སྟེགས་བུའི་ཁྱད་སྟོབས་འདོན་སྤེལ་བྱས་ནས། མཉམ་ལས་ཁྲོད་ཀྱི་བྱེ་བྲག་གི་གནས་དོན་དང་དཀའ་ཁག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྣེ་ཁྲིད་པ་བཟང་བོ་ཞིག་བྱས་ཏེ་དཔལ་འབྱོར་དང་ནོར་སྲིད། རིག་གནས། གསར་གཏོད་སོགས་མཉམ་ལས་རྐྱེན་སྲོལ་དག་ཕན་ནུས་ལྡན་པར་མཐུན་སྦྱོར་བྱས་ནས། གཅིག་འདུས་ཀྱི་ནུས་པ་སྐུལ་སྤེལ་བྱེད་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།