ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དགུ་བའི་ཚེས་བཞི་ཉིན། ཁུན་ནེ་ཡཱའི་ནེ་ལོ་པུས་ནས། ཚོགས་ཞུགས་འཐུས་མི་དག་སྐབས་དང་པོའི་ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་བཞི་ཉིན། ཁུན་ནེ་ཡཱའི་ནེ་ལོ་པུས་ནས། ཚོགས་ཞུགས་འཐུས་མི་དག་སྐབས་དང་པོའི་ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་བཞི་ཉིན། ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་ནེ་ལོ་པུས་ནས་བསྡུས་པའི་སྐབས་དང་པོའི་ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།

སྐབས་དང་པོའི་ཨ་ཧྥེ་རི་ཁ་གླིང་གི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོ་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་བསྡུས། ཚོགས་ཞུགས་འཐུས་མི་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་རོགས་རམ་བྱས་ནས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་པ་དང་ལྷད་མེད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ལྷད་མེད་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ་ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་ལ་ནམ་ཟླའི་གྲོན་དངུལ་གསོག་པའི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་ཅེས་པ་དེ་ཡིན་ལ། ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་འཕེལ་རྒྱས་དེ་ནམ་ཟླའི་འགྱུར་ལྡོག་གི་འཇིགས་ཉེན་ལ་འཕྲད་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་མི་ཐེར་འབུམ་གཅིག་དང་དུང་ཕྱུར་བཞིར་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་གལ་ཆེ་བ་ཡིན། ང་ཚོས་དངུལ་གཏོང་དང་དག་གཙང་ནུས་ཁུངས་ཀྱི་ལག་རྩལ་བེད་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཐཱན་ཕྱིར་གཏོང་གི་ཚད་ཇེ་ཉུང་དུ་གཏོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་སི་ཏིས་ཨར་གྱིས་གཏམ་བཤད་སྤེལ་སྐབས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མྱུར་མོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁས་ལེན་བྱས་པའི་མ་དངུལ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

དར་རྒྱ་ཆེ་བའི་རྒྱལ་ཁབ་ཀྱིས་ཉིས་སྟོང་དགུ་ལོར་བསྡུས་པའི་ཀི་པིན་ཧཱ་ཀིན་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྟེང་ལོ་རེར་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་གཅིག་གི་མ་དངུལ་འདོན་སྤྲོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཡུན་རིང་འགོར་རུང་དམ་བཅའ་དེ་ལག་བསྟར་བྱས་མེད།

ཀཱ་ནཱའི་ནོར་སྲིད་པུའུ་ཡི་རྒྱལ་སྲིད་པུའུ་ཀྲང་ཨ་ཏཱ་མུའུ་ཡིས་བསྟན་དོན། འཛམ་གླིང་ཡོངས་སུ་ལོ་རེར་མེ་སྒོར་ཁྲག་ཁྲིག་འགའི་མ་དངུལ་གྱིས་དངུལ་གཏོང་བྱ་ཡུལ་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། མཇུག་མཐར་མ་དངུལ་ཉུང་ངུ་ཙམ་ཨ་ཧྥེ་རི་ཁར་གཏོང་བཞིན་ཡོད་ཟེར།

སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་ཉི་ཤུ་ལྷག་དང་། དེ་མིན་སྲིད་གཞུང་གི་དཔོན་རིགས་དང་མཁས་པ་སོགས་མི་སྟོང་ཕྲག་འགའ་ཚོགས་འདུར་ཞུགས། ཁོ་ཚོས་ཐཱན་ཉོ་ཚོང་ཚོང་ར་བཙུགས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་མཁོ་བའི་མ་དངུལ་ཐོབ་པར་རོགས་རམ་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་སྤོར་བསྒྱུར་དང་ལྷད་མེད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།