ཀཱ་ཕིན་སྲིད་འགྱུར་དམག་མིའི་མགོ་ཁྲིད་པས་བར་བརྒལ་གྱི་མགོ་ཁྲིད་པའི་འགན་ཁུར།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀཱ་ཕིན་གྱི་སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཨིན་ཀོས་མཱ་ཡིས་ཚེས་བཞི་ཉིན་རྒྱལ་ས་ལེ་པའོ་ཝེ་ཨར་ནས་ཀཱ་ཕིན་གྱི་བར་བརྒལ་གྱི་མགོ་ཁྲིད་པའི་འགན་ཁུར་བ་ཁྱབ་བསྒྲགས་བྱས།

ཨིན་ཀོས་མཱ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྲིད་གཞུང་གསར་བ་དེ་མ་འོངས་པའི་ཉིན་འགའི་ནང་རྩ་འཛུགས་བྱེད་རྒྱུ་ཡིན་པ་དང་། ཁོས་རྩ་ཁྲིམས་ཀྱི་འཆར་ཟིན་གསར་བའི་ཐད་ནས་དམངས་ཡོངས་ལ་བརྡས་གཅོད་བྱེད་དུ་འཇུག་རྒྱུ་མ་ཟད། བར་བརྒལ་དུས་སྐབས་མཇུག་སྒྲིལ་རྗེས་རང་དབང་དང་མངོན་གསལ་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་ནས་དབང་ཤུགས་དེ་ཞི་དཔོན་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་བར་བརྒལ་དུས་སྐབས་ཀྱི་ཡུན་ཚད་དང་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པ། འདེམ་བསྐོ་བྱེད་པའི་དུས་ཚོད་བཅས་གསལ་བོར་བསྒྲགས་མེད།

ད་ལོར་ལོ་ཞེ་བརྒྱད་ཡིན་པའི་ཀཱ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་སྲུང་རུ་ཁག་གི་བཀོད་འདོམ་དཔོན་པོ་ཨིན་ཀོས་མཱ་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ལས་ཁུངས་བར་བརྒལ་དང་སླར་གསོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་བར་བརྒལ་གྱི་མགོ་ཁྲིད་པར་བསྐོ་འཇོག་བྱས་པ་རེད།

ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། ཀཱ་ཕིན་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་དེ་དང་ལེན་བྱེད་ཐུབ་པའི་དུས་ཚོད་ནང་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་རག་བར་དུ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།