མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པ་ཚོགས་མགོ་བརྩམས།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་བའི་ཚེས་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུ་ཚིག་ཕུལ།

ཟླ་དགུ་བའི་ཚེས་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུ་ཚིག་ཕུལ།

ཟླ་དགུ་བའི་ཚེས་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་ཚབ་བྱས་ཏེ་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུ་ཚིག་ཕུལ།

ཟླ་དགུ་བའི་ཚེས་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞེ་ཡི་ལག་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་དབང་ཤུགས་མཚོན་པའི་ཤིང་གི་ཐོ་བ་བླངས།

ཟླ་དགུ་བའི་ཚེས་ལྔ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་དབང་ཤུགས་མཚོན་པའི་ཤིང་གི་ཐོ་བ་མཐོ་རུ་འགྱོག་བཞིན་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པ་ཚེས་ལྔ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ཀྱི་དགོངས་དོན་བཀོལ་ནས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་གནད་དོན་དང་འགྲན་རྩོད་ཐག་གཅོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མིའི་རིགས་ཀྱི་བདེ་འཇགས་དང་ལ་རྒྱར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥོ་ལིང་ཞི་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དེ་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲན་རྩོད་རབ་དང་རིམ་པར་འཕྲད་པའི་གནས་ཚུལ་འོག་བསྡུས་པ་ཡིན། ཁོས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཆེས་ཉམས་ཞན་གྱི་མང་ཚོགས་ཀྱི་ཁེ་ཕན་བསྐྲུན་ནས་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ལེགས་སྒྲིག་བྱས་ནས་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པ་དང་། ན་གཞོན་ལ་མཐོང་ཆེན་བྱས་ནས་གསར་གཏོད་དང་ལག་རྩལ་བེད་སྤྱོད་བཟང་བོ་བྱེད་པ་སོགས་ལ་བརྟེན་ནས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་ཚབ་བྱས་ཏེ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་ནས། ཞི་བདེ་དང་འགྲོ་མིའི་ཐོབ་ཐང་གི་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ལ་རོགས་འདེགས་བྱེད་པ། ནམ་ཟླའི་འགྱུར་ལྡོག་གི་འཇིགས་ཉེན་ཐག་གཅོད་བྱེད་པ། ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་གཏོད་བྱེད་པ། མིའི་ཐབས་ཀྱི་རིག་ནུས་སོགས་ལག་རྩལ་ལ་འགན་སྲུང་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མིའི་རིགས་ལ་ཞབས་འདེགས་ཞུ་དགོས་པ་དང་། མི་ཚང་མར་རེ་བ་བསྐྲུན་པ་དང་མི་སུ་ཡང་རྗེས་སུ་མི་ལུས་པར་བྱེད་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བདུན་པ་གྲོལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞེ་ཡིས་ཞུ་ཚིག་ཕུལ། ཧྥོ་ལིང་ཞི་སི་ཡིས་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག། ཞིབ་བཤེར་བཅས་བྱེད་པའི་ལས་ཁུངས་གཙོ་བོ་ཞིག་ཡིན་པ་དང་། མཉམའ་བྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་གྲུབ་ཡོད། ཚོགས་ཆེན་དེས་ལོ་རེའི་ཟླ་དགུ་བ་ནས་བཅུ་གཉིས་བར་རྒྱུན་ལས་གྲོས་ཚོགས་སྤེལ་བ་དང་། རྒྱུན་ལས་གྲོས་ཚོགས་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་ལ། དུས་རིམ་དང་པོར་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་དུས་རིམ་དང་། དུས་རིམ་རྗེས་མར་ཚོགས་ཆེན་ནས་གྲོས་རིམ་ནང་བཞག་པའི་གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།