སི་ཕན་གྱི་རྒྱལ་ས་སོགས་ས་ཁུལ་མང་བོར་དྲག་རླུང་དང་ཆུ་ལོག་གི་གནོད་འཚེ་བྱུང་།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སི་ཕན་དུ་ཉེ་སྔོན་དྲག་རླུང་གི་གནོད་འཚེ་ཐེབས་པར་མ་ཟད་ཆུ་ལོག་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་གར་སོང་རྙེད་མེད། ཁང་བ་དང་གཞུང་ལམ་མང་བོ་ཆུས་བསྣུབས་ནས་འགྲིམ་འགྲུལ་ཐད་བར་ཆད་ཐེབས་ཡོད། དེའི་ནང་སི་ཕན་གྱི་རྒྱལ་ས་མཱ་ཏི་ལི་དང་ཁཱ་སི་ཏིས་ལེ་ཡཱ་དང་ལཱ་མན་ཁྲ་ས་ཁུལ་དུ་གནོད་འཚེ་ཐེབས་པ་ལྷག་ཏུ་ཚབས་ཆེན་རེད། སི་ཕན་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་མཱ་ཏི་ལི་དང་བཅས་པའི་ས་ཁུལ་མང་བོར་རིམ་པ་ཆེས་མཐོ་བའི་ཉེན་བརྡ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།