པུའུ་ཅི་ནཱ་ཧྥ་སོ་བྱང་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་བྱུང་ནས་དམག་ཕྱོགས་ཀྱི་མི་སྣ་ང་གསུམ་རྐྱེན་ལམ་དུ་ཤོར།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

པུའུ་ཅི་ནཱ་ཧྥ་སོའི་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སྔོན་བསྐྱོད་རྐང་དམག་རུ་ཁག་ཅིག་གིས་ཚེས་བཞི་ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཡཱ་ཐིན་ཅཱ་ཞིང་ཆེན་དུ་ལས་འགན་ལག་བསྟར་བྱེད་སྐབས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་ནས། དམག་ཕྱོགས་ཀྱི་མི་སྣ་ང་གསུམ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྔོན་བསྐྱོད་རྐང་དམག་རུ་ཁག་ཅིག་གིས་ཡཱ་ཐིན་ཅཱ་ཞིང་ཆེན་གྱི་ཁོན་པུའུ་ལི་གྲོང་རྡལ་དུ་ལས་འགན་ལག་བསྟར་བྱས་ནས། ལོ་གཉིས་ཀྱི་ཡར་སྔོན་ཕྱིར་འཐེན་བྱས་པའི་སྡོད་དམངས་དག་ཕྱིར་རང་ཁྱིམ་དུ་ལོག་པར་སྐྱེལ་མ་བྱས། ཚེས་བཞི་ཉིན་གྱི་ཞོགས་པར། སྔོན་བསྐྱོད་རུ་ཁག་གིས་ས་ཁུལ་དེ་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། དགྲ་བོ་མཐར་སྐྲོད་བཏང་བར་མ་ཟད་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ཚར་གཅོད་བྱས། དམག་ཕྱོགས་ཀྱི་མི་སྣ་ང་གསུམ་འཐབ་འཛིང་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་བཅུ་བདུན་དང་དང་བླངས་པ་སོ་དྲུག་ཡོད་ལ། གཞན་ཡང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།