ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ནང་སྲིད་པུའུ་ཀྲང་ཐི་ལཱ་པུའུ་ལེ་ཞི་ཡིས་ཚེས་དྲུག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལི་པུ་ཡཱ་ཡིས་ཉིན་དེར་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་བདུན་ཅུ་ཕྱིར་རང་གི་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱས།
ཐི་ལཱ་པུའུ་ལེ་ཞི་ཡིས་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་གཙོ་བོ་སོ་མཱ་ལི་དང་སུའུ་ཏན། ནེ་ཀྲི་རི་ཡཱ། བྷང་ག་ལཱ་བཅས་རྒྱལ་ཁབ་ནས་ཡོང་བ་རེད་ཟེར། ཁོས་བསྟན་དོན། ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱུད་སའི་གནས་ཤིག་ཡིན་པའི་ཆ་ནས། ལི་པུ་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་འགེབས་སྲུང་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་རིན་དོད་ཆེན་པོ་བཏང་ཡོད། ལི་པུ་ཡཱ་ཡིས་མུ་མཐུད་དུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་མི་སྣའི་ལྐོག་འབྲོས་གནད་དོན་ལ་ཆམ་ཕབ་གཏོང་བའི་ཁས་ལེན་དམ་བཅའ་བྱས་ཡོད་ཟེར།
རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཉེ་སྔོན་གསར་བསྒྱུར་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཚུན་ལ། བསྡོམས་པས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་གཅིག་དང་དྲུག་བརྒྱ་ཞེ་དྲུག་ས་དཀྱིལ་མཚོ་ཁོངས་བརྒྱུད་རྩིས་བྱེད་སྐབས་བསྐྱབས་པའམ་ཡང་ན་ལི་པུ་ཡཱ་རུ་འབྱོར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།