ཞི་ལཱའི་དབུས་ཕྱོགས་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག་ལས་མི་དྲུག་རྐྱེན་ལམ་དུ་ཤོར།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཞི་ལཱའི་སྨྱན་བྱད་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཞི་ལཱའི་དབུས་ཕྱོགས་ས་ཁུལ་དུ་གཟའ་འཁོར་འདིའི་ནང་བསྟུད་མར་དྲག་ཆར་དང་ཆུ་ལོག་གི་འཇིགས་པ་བྱུང་ནས། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་གར་སོང་རྙེད་མེད་ཟེར།

ཞི་ལཱའི་ནམ་ཟླའི་ཉམས་ཉེན་དང་དམངས་སྲུང་པུའུ་ཀྲང་ཅི་ཅི་ལེ་ཡཱ་སི་ཡིས་ཉིན་དེའི་སྔ་དྲོར་སྨྱན་བྱད་ལ་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་ལ་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་བ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་གར་སོང་རྙེད་མེད་ཟེར།

ཞི་ལཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་དེའི་རྗེས་སུ་བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་ཉིན་དེའི་ཕྱི་དྲོར་སི་སཱ་ལེ་ས་ཁུལ་ཆེན་མོ་ནས་ཡང་བསྐྱར་བེམ་པོ་གཉིས་རྙེད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་དྲུག་ལ་བསླེབ་ཡོད་ཟེར།

ཞི་ལཱའི་ཡཱ་ཏེན་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཞི་ལཱའི་དམག་དཔུང་དང་རྒུད་སྐྱོབ་མི་སྣས་གྱེན་འཕུར་གནམ་གྲུ་དང་གྲུ་གཟིངས་བཀོལ་ནས་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། ཅི་ཅི་ལེ་ཡཱ་སི་ཡིས་བཤད་རྒྱུར། རྒུད་སྐྱོབ་འགུལ་སྐྱོད་དེ་ཁྱིམ་ཚང་རེ་རེ་བཞིན་མཚན་བརྒྱབ་ནས་སྤེལ་རྒྱུ་པ་དང་། གནོད་འཚེ་ཐེབས་པའི་སྡོད་དམངས་དག་བདེ་འཇགས་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།