ལཱ་མཱ་ཧྥུའུ་སཱ་ཡིས་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ལས་ཨ་ཧྥེ་རི་ཁ་ལྷོ་མར་ཁེ་ཕན་མི་ཉུང་ཐོབ་ཡོད་པའི་ཚུལ་བསྟན།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཉེ་སྔོན་ཁའེ་ཕུའུ་ཏོན་ནས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མར་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ལས་ཁེ་ཕན་མི་ཉུང་བ་ཐོབ་ཡོད་ཟེར། ཁོས་བཤད་རྒྱུར། གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁེ་ལས་དག་གི་གཏེར་ལས་དང་རླངས་འཁོར། འགྲིམ་འགྲུལ། དག་གཙང་ནུས་ཁུངས། དངུལ་ལོར་ཞབས་ཞུ། བརྡ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཐད་ཀར་དངུལ་གཏོང་དང་ལས་གཞི་ལས་ཨ་ཧྥེ་རི་ཁ་ལྷོ་མར་ལས་ཞུགས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་ཡོད། ཉིས་སྟོང་ཉེར་གཉིས་ལོར་ཨ་ཧྥེ་རི་ཁ་ལྷོ་མ་དང་གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གྱི་ཉོ་ཚོང་སྤྱི་འབོར་དེ་ཨ་ཧྥེ་རི་ཁ་ལྷོ་མའི་སྒོར་མོ་ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་གསུམ་ལ་བསླེབས་ཡོད་པ་དང་། མི་དམངས་ཤོག་སྒོར་ལ་བཀུག་ན་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཅིག་ཐེར་འབུམ་དྲུག་དུང་ཕྱུར་ལྔ་ཙམ་ཡིན་ལ། ཉིས་སྟོང་བཅུ་བདུན་ལོ་ནས་བརྒྱ་ཆའི་བདུན་ཅུའི་ཡན་འཕར་ཡོད་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ད་རུང་བཤད་རྒྱུར། གསེར་གྱོམ་རྒྱ་བསྐྱེད་རྗེས་གཉིས་ཕན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་ཐོབ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།