ཨ་རབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་རིམ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བརྒྱ་དང་དྲུག་ཅུ་བ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་ཡོད་པའི་ཨ་རབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་བསྡུས། གྲོས་གཞི་ལ་ཕཱ་ལེ་སི་ཐན་གྱི་གནད་དོན་དང་ས་ཁུལ་གྱི་འཁྲུག་རྩོད། ཨ་རབ་ཀྱི་ནུས་ཁུངས་མཁོ་འདོན་གྱི་བདེ་འཇགས་སོགས་འདུས། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་གྲོས་ཚོགས་ལ་ཞུགས། དེ་ནི་ཉེ་བའི་ལོ་ངོ་བཅུ་གཉིས་རིང་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཐོག་དང་པོར་གྲོས་ཚོགས་དེར་ཞུགས་པ་རེད། མཱེ་ཁི་ཏཱ་ཏི་ཡིས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་ནི་གཅིག་འབྲེལ་གཅིག་བརྟེན་དང་། ཕན་ཚུན་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཞིང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་སྒྲིག་སྲོལ་དེ་རྒྱལ་ཁབ་གཞན་པའི་མི་དམངས་ཀྱི་མགོར་བཙན་པོ་གཉའ་འཇོག་བྱེད་འདོད་ཡོད་པས། ཨ་རབ་རྒྱལ་ཁབ་དག་གིས་མཐུན་སྒྲིལ་བྱས་ཏེ་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། ད་ལོའི་ཟླ་ལྔ་བར་སི་རི་ཡཱ་ལོ་ངུ་བཅུ་གཅིག་ལྷག་གི་རྗེས་ནས་ཡང་བསྐྱར་ཨ་རབ་མནའ་འབྲེལ་ནང་ཕྱིར་ལོག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།