དབྱིན་ཇིའི་སྨྱན་བྱད་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱིན་ཀི་ལན་ས་ཁུལ་དུ་གྲོང་ཁྱེར་ཉི་ཤུ་ལྷག་གི་ས་གནས་དབང་འཛིན་ལས་ཁུངས་མ་རྩ་རྡིབས་པ་ཁྱབ་བསྒྲགས་བྱས་པའི་པའོ་མེན་ཧན་གྲོང་ཁྱེར་ལྟ་བུའི་རིགས་མཐུན་གྱི་ནོར་སྲིད་དཀའ་ཁག་ལ་འཕྲད་ཡོད་པ་དང་། མ་འོངས་པའི་ལོ་གཉིས་ཀྱི་ནང་མ་རྩ་རྡིབས་པ་ཁྱབ་བསྒྲགས་བྱེད་ངེས་རེད་ཟེར། བསྒྲགས་པ་ལྟར་ན། ས་དེའི་རྟོག་ཞིབ་ཅིག་ལས་མངོན་པ་ལྟར་ན། དབྱིན་ཀི་ལན་གྱི་ས་གནས་དབང་འཛིན་ལས་ཁུངས་ལྔ་ཡིས་ད་ལོར་ངེས་པ་དོན་གྱི་མ་རྩ་རྡིབས་པར་ཁྱབ་བསྒྲགས་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པ་རེད། བསྒྲགས་པ་ལྟར་ན། སྔོན་རྩིས་ཇེ་ཉུང་དུ་གཏོང་བ་དང་དངུལ་ལོར་ཚད་བརྒལ་འགྲེམ་པ་སོགས་ཀྱི་གནོན་ཤུགས་ལས་ས་ཁུལ་རེ་འགའི་དབང་འཛིན་ལས་ཁུངས་ཀྱིས་ད་ལོར་འགྲོ་སོང་དང་ཡོང་འབབ་དོ་མཉམ་བྱེད་དཀའ་བར་གྱུར་ཡོད་ལ། སང་ལོའི་གནས་ཚུལ་དེ་ལས་ཀྱང་ཞན་ངེས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།