ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཐབ་ཇུས་ཉིང་རྡུལ་དཔུང་འཇུག་ཆུ་འཛུལ་གྲུ་གཟིངས་ཐོག་མ་ཚེས་དྲུག་ཉིན་རྒྱ་མཚོར་ཞུགས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དགའ་སྟོན་མཛད་སྒོར་ཞུགས། ཆུ་འཛུལ་གྲུ་གཟིངས་དེ་ཁྲའོ་ཞན་མི་དམངས་མཚོ་དམག་གི་ཤར་ཕྱོགས་མཚོ་ཁོངས་གྲུ་གཟིངས་རུ་ཁག་གི་ཁོངས་སུ་གཏོགས་པའི་ཆུ་འཛུལ་གྲུ་གཟིངས་རུ་ཁག་ལ་སྤྲད་པ་རེད། བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཚེས་བདུན་ཉིན་ཆུ་འཛུལ་གྲུ་གཟིངས་དེར་རྟོག་ཞིབ་བྱས་པར་མ་ཟད། དེའི་མཚོན་ཆའི་མ་ལག་དང་ཆུ་འོག་ནས་འགྲོ་འོང་དང་འཐབ་འཛིང་བྱེད་པའི་ནུས་པར་རྒྱུས་ལོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།