འཇར་པན་གྱི་ཧྥུའུ་ཏའོ་ཉ་བདའ་སོགས་མི་བརྒྱ་དང་ང་གཅིག་གིས་གྲུབ་པའི་ཞུ་སྦྱོར་སྔ་མས་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཧྥུའུ་ཏའོ་ས་གནས་ཁྲིམས་ཁང་ལ་འཇར་པན་སྲིད་གཞུང་དང་ཏུང་ཅིང་གློག་ཤུགས་ཀུང་ཟི་ཞུ་གཏུག་བྱས་པ་དང་། འཇར་པན་སྲིད་གཞུང་དང་ཏུང་ཅིང་གློག་ཤུགས་ཀུང་ཟི་ཡིས་དམ་བཅའ་དང་རྒྱབ་འགལ་བྱས་ཏེ་བཙན་ཤེད་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་སྟེ། མང་ཚོགས་ཀྱི་ལྷིང་འཇགས་ཀྱི་འཚོ་བའི་ཁེ་དབང་ལ་གནོད་པ་བཟོས་པར་སྐྱོན་འཛུགས་བྱས་པ་དང་། བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།