མའོ་ལོ་ཀི་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་བཤད་པ་ལྟར་ན། རྒྱལ་ཁབ་དེ་རུ་ཚེས་བརྒྱད་ཉིན་གྱི་དགོང་མོར་བྱུང་བའི་ས་ཡོམ་དྲག་པོའི་ཁྲོད་དུ་མི་ཉིས་སྟོང་བརྒྱ་མེད་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་སྟོང་བརྒྱ་མེད་ང་དགུ་ལ་རྨས་ཕོག་ཅིང་། དེའི་ནང་གི་མི་ཆོག་སྟོང་བཞི་བརྒྱ་དང་བཞི་ལ་རྨས་ཕོག་པ་ཚབས་ཆེ་ཟེར།
མའོ་ལོ་ཀིའི་རྒྱལ་པོ་མུའུ་ཧན་མོ་ཏི་སྐུ་ཕྲེང་དྲུག་པས་ཚེས་དགུ་ཉིན་རྒྱལ་ཡོངས་སུ་དུས་ཡུན་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་ཡིན་པ་དང་། དེའི་རིང་ལ་སྤྱི་པའི་འདུ་གནས་སུ་དར་ཆ་དར་ཤིང་གི་ཕྱེད་ཀའི་མཚམས་སུ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྒྲགས།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་འགུལ་ཆ་འཕྲིན་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་དེའི་ས་ཡོམ་ནི་མའོ་ལོ་ཀིའི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་ཉེར་གསུམ་དང་སྐར་མ་བཅུ་གཅིག་སྟེང་བྱུང་ལ། ས་ཡོམ་ཚད་རིམ་དྲུག་གྲངས་ཆུང་བརྒྱད་ཡིན་ལ། ཡོམ་དཀྱིལ་ནི་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱ་ལཱ་ཁ་ཧྲིན་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་དོན་གཅིག་གི་མཚམས་ཡིན་པ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་བཅོ་བརྒྱད་གྲངས་ཆུང་ལྔ་ཡོད་ཟེར། མའོ་ལོ་ཀི་རྒྱལ་ཁབ་ས་གཤིས་ལྟ་ཞིབ་ལས་ཁུངས་ཀྱིས་དེའི་རྗེས་སུ་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་དེའི་ས་ཡོམ་གྱི་ཚད་རིམ་བདུན་ཡིན་པ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་སྤྱི་ལེ་བརྒྱད་རེད་ཟེར།
ཕྱུག་ལོས་བསྒྱུར།