ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་མཉམ་རྒྱལ་གྱི་སྨྱུག་གསར་གླེང་སྟེགས་སྐབས་དང་པོ་ཨུ་རུ་སིའི་ཏ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཁཱ་ཧྲན་ནས་གྲོལ།  
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་མཉམ་རྒྱལ་གྱི་སྨྱུག་གསར་གླེང་སྟེགས་སྐབས་དང་པོ་ཨུ་རུ་སིའི་ཏ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཁཱ་ཧྲན་ནས་གྲོལ།   ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་ཀྱི་སྦས་ཞུགས་ཇི་ལྟར་སྔོག་འདོན་བྱེད་པ་དང་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་རོགས་འདེགས་བྱེད་པའི་ཐད་གྲོས་བསྡུར་བྱས།

ཚོགས་ཡུན་གཉིས་ཀྱི་གླེང་སྟེགས་སྟེང་།   ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བཟོ་སྐྲུན་དང་འགྲིམ་འགྲུལ།  ཡུལ་སྐོར།  རིག་གནས།  སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ཏེ་གྲོས་མོལ་བྱས་པ་དང་།   ལྕགས་རིགས་ལས་སྣོན་དང་རླངས་འཁོར་བཟོ་ལས་འགྲེམ་སྟོན་ལ་བལྟས།   གླེང་སྟེགས་སྐབས་སུ་ཕྱོགས་སོ་སོས་ད་རུང་སྣ་མང་ཕུན་ཚོགས་ཀྱི་རིག་གནས་བརྗེ་རེས་འགྲེམ་སྟོན་བྱ་འགུལ་སྤེལ།

ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ལེ་ཧྲི་ཐི་ཉི་ཁུ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར།    ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་ཉོ་ཚོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་ལ།  ཉོ་ཚོང་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་འགྲོ་བཞིན་ཡོད།   ཨུ་རུ་སིའི་ཁེ་ལས་མང་པོས་ཀྲུང་གོའི་མཁོ་འདོན་ཚོང་བ་རང་གི་ཐོན་ལས་སྦྲེལ་ཐག་ནང་ཞུགས་པའི་གོ་སྐབས་བཟང་བོ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་ཀྲུང་གོའི་ཁེ་ལས་ཀྱི་ཐོན་ལས་སྦྲེལ་ཐག་ནང་འབད་པས་ཞུགས་བཞིན་ཡོད་ལ། དེས་ཕྱོགས་གཉིས་ཀྱི་ཉོ་ཚོང་སྔར་ལས་འཕར་སྣོན་འབྱུང་བར་སྦས་ཤུགས་ཆེན་པོ་སྟེར་ཐུབ་ཟེར།

རྒྱལ་ཁབ་ཉི་ཤུ་ལྷག་ནས་ཡོང་བའི་འཐུས་ཚབ་པ་སྟོང་ལྔ་ལྷག་གླེང་སྟེགས་ལ་ཞུགས།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།