ཀྲུང་གོའི་ཀུའེ་ཡ་ནར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཁག་བཅོ་བརྒྱད་པ་ཚེས་དགུ་ཉིན་ཀུའེ་ཡ་ནའི་དབྱིན་ཏིས་ཨན་གྲོང་སྡེའི་ཡན་ཧྲི་སྡེ་བར་སོང་ནས་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་སྤེལ།
ཐེངས་འདིའི་འོས་འགན་ནད་བརྟག་སྨན་བཅོས་ནང་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག རུས་ནད་ཚན་ཁག མོ་ནད་ཚན་ཁག བྱིས་པའི་ཚན་ཁག ཀྲུང་ལུགས་གསོ་རིགས་ཀྱི་སྐམ་ཁབ་ཚན་ཁག་སོགས་ཚན་ཁག་མང་བོ་ཡོད་པར་མ་ཟད། ཁྲག་ཤེད་འཇལ་བ་སོགས་ཀྱི་ཞབས་ཞུའང་སྤེལ། དེ་མིན། སྨན་བཅོས་རུ་ཁག་གིས་ད་རུང་གཅིག་སྙི་ཟ་ཁུའི་ནད་དང་མངལ་སྐེའི་འབྲས་སྐྲན་གྱི་དྲིལ་སྒྲོག་ལག་དེབ་བྱིན་ཏེ་བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱས། ཐེངས་འདིའི་འོས་འགན་ནད་བརྟག་སྨན་བཅོས་ཁྲོད་མི་བརྒྱ་ལྷག་ལ་ནད་བརྟག་སྨན་བཅོས་བྱས་པ་དང་། ཡན་ཧྲི་སྡེ་བའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
སྨན་བཅོས་རུ་ཁག་གི་འགོ་གཙོ་ཁྲུའུ་ཞུའེ་ཧུའེ་ཡིས་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་གྱི་ཡུལ་དངོས་སུ་ཀུའེ་ཡ་ནའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐེངས་འདིའི་འོས་འགན་ནད་བརྟག་སྨན་བཅོས་ནི་ཀྲུང་གོའི་ཀུའེ་ཡ་ནར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མངགས་ནས་ལོ་སུམ་ཅུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀུའེ་ཡ་ནར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཁག་བཅོ་བརྒྱད་པ་ཀུའེ་ཡ་ནར་སྡོད་པའི་སྐབས་ཀྱི་ཆེས་མཇུག་མཐའི་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་ཡང་ཡིན། སྐོར་ཁག་རྗེས་མའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྔར་སྲོལ་བཞིན་དཀའ་གནད་ལ་མི་འཛེམ་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀུའེ་ཡ་ནའི་མི་དམངས་ལ་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱས་ནས་མང་ཚོགས་ཀྱི་སྡུག་བསྔལ་སེལ་བའི་ཡིད་ཆེས་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།