ནེ་ཀྲི་རི་ཡའི་དབུས་ཕྱོགས་ཀྱི་ནེ་ཀྲིར་མངའ་སྡེའི་མའོ་ཁ་ས་ཁུལ་དུ་ཚེས་བཅུ་ཉིན་གྲུ་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་གར་སོང་རྙེད་མེད།
ནེ་ཀྲིར་མངའ་སྡེའི་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་བདེན་དཔང་བྱས་པ་ལྟར་ན། དོན་རྐྱེན་དེ་ནི་ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་བྱུང་བ་དང་། གྲུ་དེའི་སྟེང་དུ་མི་བརྒྱ་ལྷག་དྲུད་ཡོད། མིག་སྔར་མི་སུམ་ཅུ་བསྐྱབས་པ་དང་། རོགས་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
ཐེག་ཚད་ལས་བརྒལ་བ་དང་གནམ་གཤིས་མི་བཟང་བ། བདེ་འཇགས་བྱེད་ཐབས་གནད་འཁེལ་མིན་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ནེ་ཀྲི་རི་ཡ་རུ་གྲུ་ནུབ་པའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། ད་ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ནེ་ཀྲི་རི་ཡའི་དབུས་ཕྱོགས་ཀྱི་ཁ་ལ་མངའ་སྡེ་རུ་གྲུ་ནུབ་པའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བརྒྱ་དང་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་མ་རྙེད།
ལྷ་མོ་ཚེ་རིང་གིས་བསྒྱུར།