སུའུ་ཏན་གྱི་རྒྱལ་སར་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།
2023.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

སུའུ་ཏན་གྱི་དམངས་ཁྲོད་སྡེ་ཁག་མང་པོས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར།   རྒྱལ་ས་ཁཱ་ཧྲི་མུའུ་ལྷོ་ཕྱོགས་ཀྱི་ཁྲོམ་ར་ཞིག་ལ་ཚེས་བཅུ་ཉིན་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨང་ཕོག

སུའུ་ཏན་སྨན་པའི་མཉམ་འབྲེལ་ཚོགས་པས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར།   བར་སྣང་འཇབ་རྒོལ་ཁྲོད་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ང་ལྔར་རྨས་ཕོག  གཞན་ཡང་སུའུ་ཏན་འགོག་རྒོལ་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས་ལྟར་ན།   རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་བཞིན་ཡོད།

སུའུ་ཏན་གྱི་ངོ་རྒོལ་ཕྱོགས་ཁག་གཉིས་ཀྱི་བར་སྣང་འཇབ་རྒོལ་ཐད་ཀྱི་བཤད་ཚུལ་གཅིག་མཐུན་མིན།   སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་གིས་བཤད་པ་ལྟར་ན། བར་སྣང་འཇབ་རྒོལ་དེ་ནི་སུའུ་ཏན་དྲག་ཆས་དམག་དཔུང་གིས་བཟོས་པ་ཡིན་ཟེར།  སུའུ་ཏན་དྲག་ཆས་དམག་དཔུང་གིས་བསྟན་དོན། བྲེལ་མྱུར་རོགས་སྐྱོར་དམག་དཔུང་གི་བཤད་ཚུལ་དེ་ནི་དོན་དངོས་མིན་པར་མ་ཟད། ནོར་འཁྲུལ་རང་བཞིན་ལྡན།  སུའུ་ཏན་དྲག་ཆས་དམག་དཔུང་གི་དམག་དོན་འགུལ་སྐྱོད་ཡོད་ཚད་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་དམག་དཔུང་དམིགས་འབེན་དུ་བཟུང་ཡོད།

སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན།   རྒྱུན་མཐུད་འཁྲུག་རྩོད་ལས་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད།   གཞན་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་གཞི་གྲངས་གསར་པ་ལྟར་ན།  སུའུ་ཏན་འཁྲུག་རྩོད་ལས་མི་ས་ཡ་བཞི་དང་འབུམ་བརྒྱད་ལ་རང་ཁྱིམ་དང་བྲལ་ཡོད།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།