ཅིན་ཀྲིན་ཨུན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད།
2023.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན།   ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་མི་འགྱངས་པར་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་རེད།  འཚམས་འདྲིའི་སྐབས་སུ་ཅིན་ཀྲིན་ཨུན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས་ཏེ་གྲོས་མོལ་བྱེད་རྒྱུ་རེད།

ཨུ་རུ་སིའི་ཁི་ལི་མུའུ་ལེན་ཕོ་བྲང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་ཁྲའོ་ཞན་གྱིས་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨུན་གྱིས་མ་འོངས་པའི་ཉིན་འགའི་ནང་ཨུ་རུ་སིར་དངོས་སུ་འཚམས་འདྲི་བྱེད་རྒྱུ་རེད།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།