ཨེ་ཅིབ་ཀྱི་ཧོ་ལེ་ཝན་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་མུའུ་ཧན་མོ་ཏི་ཞི་མིས་ཀྱིས་ཨ་མེ་རི་ཁའི་དམག་དོན་བཙན་དབང་གིས་འཛམ་གླིང་ལ་དམག་འཁྲུག་སློང་བ་དང་དཀའ་སྡུག་ཆེན་པོ་བཟོ་སྲིད་པའི་ཚུལ་བསྟན།​
2023.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨེ་ཅིབ་ཀྱི་ཧོ་ལེ་ཝན་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་མུའུ་ཧན་མོ་ཏི་ཞི་མིས་ཀྱིས་ཉེ་ལམ་བསྟན་དོན། ཨ་མེ་རི་ཁའི་དམག་དོན་བཙན་དབང་གིས་ཁྱེར་ཡོང་བ་ནི་ཞི་བདེ་དང་བརྟན་འཇགས་མིན་པར་འཐབ་འཁྲུག་དང་གཡོ་འགུལ་ཡིན་ལ།   དེས་འཛམ་གླིང་མི་དམངས་ལ་དཀའ་སྡུག་ཆེན་པོ་བཟོ་སྲིད།

ཞི་མིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།   ཨ་མེ་རི་ཁའི་དམག་དོན་ཐེ་གཏོགས་དང་རྒྱ་བསྐྱེད་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་།   སྔ་རྗེས་སུ་མེ་གླིང་གི་དེ་སྔའི་སྡོད་དམངས་དང་མོ་ཞི་ཁོ་བར་དམག་འཁྲུག་བསླངས་པར་མ་ཟད།  ཞ་ཝེ་དབྱི་བདག་ཏུ་བཟུང་།   འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ།   ཨ་མེ་རི་ཁས་ཁྲའོ་ཞན་དམག་འཁྲུག་དང་ཡོའེ་ནན་དམག་འཁྲུག་སོགས་བསླངས་པ་རེད།

ཞི་མིས་ཀྱིས་བསྟན་དོན།  ཉིས་སྟོང་གཅིག་ལོ་ནས་བཟུང་།   ཨ་མེ་རི་ཁས་འཇིགས་སྐུལ་ངོ་རྒོལ་ལ་ཁ་གཡར་ཏེ་ཨ་ཧྥུའུ་དམག་འཁྲུག་དང་དབྱི་རག་དམག་འཁྲུག་སོགས་བསླངས་ཏེ་མི་སེར་འབུམ་ལྷག་གི་ཚེ་སྲོག་ཤོར་བ་དང་མི་ས་ཡ་ལྷག་ལ་རྨས་ཕོག་ལ།   མི་བྱེ་བ་ལྷག་ཡུལ་གྱར་མི་བྱེད་ག་མེད་བྱུང་ནས་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་འཇིགས་ཉེན་ཆེན་པོ་བཟོས།  ཨ་མེ་རི་ཁས་ད་རུང་འཛམ་གླིང་གི་ས་ཁུལ་སོ་སོར་དམག་དོན་དྲ་རྒྱ་ཆེན་པོ་བཙུགས་ཡོད་ལ།   རྒྱལ་ཁབ་མང་པོར་དམག་དོན་རྟེན་གཞི་བཙུགས་ནས་དམག་དཔུང་བཅའ་སྡོད་བྱས་ཡོད།

ཞི་མིས་ཀྱིས་བསྟན་དོན།   ཨ་མེ་རི་ཁའི་དམག་དོན་བཙན་དབང་གིས་དམག་འཐབ་གྲ་སྒྲིག་དང་འགྲན་རྩོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེས་ནོར་འཁྲུལ་གྱི་བརྡར་གཅོད་དང་ཉེན་ཁ་ཇེ་མང་དུ་གཏོང་སྲིད།   ཁོས་བལྟས་ན།  རྩོད་གླེང་ཇེ་ཉུང་དུ་གཏོང་བའི་ཆེད་དུ།  ཨ་མེ་རི་ཁས་ངེས་པར་དུ་དམག་དོན་ཐེ་གཏོགས་མཚམས་འཇོག་དགོས་པ་དང་དམག་དོན་སྔོན་དཔག་ཇེ་ཉུང་དུ་བཏང་སྟེ།  གྲོས་མོལ་དང་ཕྱི་འབྲེལ་གྱི་བྱེད་ཐབས་སྤྱོད་དགོས་པར་འདོད།

                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།