ཞི་ལའི་དབུས་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
2023.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཞི་ལ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན།   རྒྱལ་ཁབ་དེའི་དབུས་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

མིག་སྔར།  ཞི་ལའི་དབུས་ཕྱོགས་ཀྱི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་སི་སཱ་ལིས་བདེ་ཐང་གི་ས་ཁུལ་ཁ་ཤས་སྔར་བཞིན་ཆུས་བསྣུབས་ཡོད་པ་དང་།  གྲོང་སྡེ་མང་བོ་ཞིག་ལ་གྲུ་དང་གྱེན་འཕུར་གནམ་གྲུར་བརྟེན་ནས་འགྲོ་དགོས་ལ།  མི་བཅུ་ཕྲག་འགའ་ད་རུང་གནས་དེར་ལུས་ཡོད།

ཞི་ལའི་ཙུང་ཐུང་མིས་ཙོ་ཐཱ་ཅི་སི་ཡིས་ཚེས་བཅུ་ཉིན་ཡང་བསྐྱར་སི་སཱ་ལིས་སུ་རྟོག་ཞིབ་བྱས་པར་མ་ཟད།   གནོད་ཐེབས་ཁུལ་དུ་དཔལ་འབྱོར་རོགས་སྐྱོར་མཁོ་འདོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཚེས་བཞི་ཉིན་ནས་བཟུང་།   ཞི་ལ་རུ་གནམ་གཤིས་ངན་པའི་ཤུགས་རྐྱེན་ཐེབས་པ་དང་།   དབུས་ཕྱོགས་ཀྱི་ཝོ་ལོ་སི་དང་ཐི་ལི་ཁ་ལ་སོགས་ས་ཁུལ་དུ་ཤུགས་རྐྱེན་ཐེབས་པ་ཚབས་ཆེ།     དྲག་ཆར་དང་ཆུ་རགས་ཤོར་བའི་དབང་གིས་ཁང་བ་མང་པོ་ཆུས་བསྣུབས་ཡོད་ལ། ས་གནས་ཀྱི་ཞིང་ར་དང་གསོ་སྤེལ་ར་བ།  ཚོང་ལས་སྒྲིག་ཆས།  གློག་འདོན་ཆུ་འདོན་སོགས་ལ་ཤུགས་རྐྱེན་ཐེབས་ཡོད།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།