མན་ཧྥེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡའི་གནོད་ཐེབས་ཁུལ་དུ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།  
2023.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ཡིས་ཚེས་བཅུ་གཅིག་ཉིན་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ལི་པི་ཡའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་གསུམ་གནོད་ཐེབས་ཁུལ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་ཐེབས་ཁུལ་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

མན་ཧྥེ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ལི་པི་ཡའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཏི་ཨར་ནཱ་དང་པེ་ཏ།   ཧྲི་ཧ་ཐི་གསུམ་གནོད་ཐེབས་ཁུལ་ཡིན་པ་ཁྱབ་བསྒྲགས་བྱས། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་ཐེབས་ཁུལ་དེ་དག་ལ་རོགས་སྐྱོར་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་།  དེའི་ནང་བེམ་པོ་འཚོལ་བ་དང་གསོན་ཡོད་པའི་མི་སྐྱོབ་པ།  གནོད་ཐེབས་ཁུལ་དུ་མཁོ་བའི་དངོས་རྫས་འདོན་སྤྲོད་བྱེད་པ་སོགས་འདུས།   ཁོས་བསྟན་དོན།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་གྱིས་ས་ཁུལ་དེ་དག་གི་བསྐྱར་འཛུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།

                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།