ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཝུའུ་ལ་ཨར་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་ཞིན་ཞི་པའོ་ལི་ཡ་མངའ་སྡེ་ནས་བྲེལ་འཚུབ་ཆེན་པོས་སར་བབས་པ་དང་། གནམ་གྲུའི་སྟེང་གི་འགྲུལ་བ་བརྒྱ་དང་ང་དགུའི་ཁྲོད་ཀྱི་མི་ལྔ་ལ་རྨས་ཕོག་ཡོད་ཟེར།
ཐཱ་སི་གསར་འགྱུར་ཁང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཁང་གིས་བསྒྲགས་པའི་གནས་ཚུལ་དྲངས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་ནི་སོ་ཆི་ནས་ཨུ་མུའུ་སི་ཁུའི་བར་འཕུར་བཞིན་ཡོད་པ་དང་། གནམ་གྲུའི་སྟེང་འགྲུལ་བ་བརྒྱ་དང་ང་དགུ་དྲུད་ཡོད། དེའི་ནང་བྱིས་པ་ཉེར་གསུམ་དང་ལས་སྒྲུབ་མི་སྣ་དྲུག་ཡོད། གནམ་གྲུ་བྲེལ་འཚུབ་ཆེན་པོས་སར་བབས་རྗེས་མི་ལྔ་ལ་ཁྲག་ཤེད་མཐོ་བ་སོགས་ཀྱི་གནས་ཚུལ་བྱུང་སྟེ་སྨན་བཅོས་བྱས་མོད། འོན་ཀྱང་དེའི་ནང་བྱིས་པ་གཅིག་ཀྱང་མེད།
ཨུ་རུ་སིའི་གསར་འགྱུར་ཁང་གིས་ཝུའུ་ལ་ཨར་མཁའ་འགྲུལ་ཀུང་ཟིའི་སྤྱི་གཉེར་པ་སི་ཁུའུ་ལ་ཐའོ་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། གནམ་གྲུ་བྲེལ་འཚུབ་ཆེན་པོས་སར་བབས་པའི་རྒྱུ་རྐྱེན་ནི་གཤེར་གནོན་མ་ལག་ལ་སྐྱོན་བྱུང་བས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།