པ་ཞིའི་པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
2023.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

པ་ཞིའི་པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གིས་ཚེས་བཅུ་གཅིག་ཉིན་པ་དབྱི་ཡ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་སཱ་ཨར་ཝ་ཏོ་རུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་དང་། དེ་ནི་པ་ཞི་རུ་བཙུགས་པའི་ཁུང་ཙི་སློབ་གླིང་བཅུ་གཉིས་པ་རེད།

པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཁུང་ཙི་སློབ་གླིང་ནི་པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་དང་ཧྲང་ཧེ་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པ་རེད།

ཀྲུང་གོའི་པ་ཞི་རུ་སྡོད་པའི་གཞུང་ཚབ་ཁང་གི་སློབ་གསོའི་ཚན་ཙན་ཝང་ཀྲི་ཝེ་ཡིས་ཀྲུང་གོའི་པ་ཞི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲུའུ་ཆིན་ཆའོ་ཡི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།  རྟེན་འབྲེལ་འཕྲིན་ཡིག་ནང་བཤད་རྒྱུར།   པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཁུང་ཙི་སློབ་གླིང་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ཞིག་ཡིན།  པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་དང་ཧྲང་ཧེ་སློབ་ཆེན་གཉིས་ཀྱིས་མཉམ་ལས་བཟང་བོ་བྱས་ཏེ་ཀྲུང་གོ་དང་པ་ཞིའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཁྲོད་ཞུགས་པའི་ན་གཞོན་འཇོན་མི་མང་བོ་གསོ་སྐྱོང་བྱེད་པར་རེ་བཞིན་ཡོད་ཟེར།

ཧྲང་ཧེ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཨོ་དབྱང་ཧྭ་ཡིས་ཤིས་ཚིག་ཁྲོད་བསྟན་དོན། པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་ནི་སློབ་གསོའི་སྡེ་ཁག་ཅིག་མིན་པར།   རིག་གནས་བརྗེ་རེས་ཀྱི་འབྲེལ་ཟམ་ལྟ་བུ་དང་མཛའ་བརྩེའི་འབྲེལ་ཐག་ལྟ་བུ་ཡིན།  དེས་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་ཚན་རྩལ།  དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཐུབ་ཟེར།

པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་གི་པ་ཞི་ཕྱོགས་ཀྱི་ཡོན་ཀྲང་ཁ་ལེ་ཆེ་ཐི་ཡིས་བཤད་རྒྱུར།  ཁུང་ཙི་སློབ་གླིང་གིས་སྐད་ཆ་དང་རིག་གནས་སློབ་གསོ་རྨང་གཞིར་བྱས་ཏེ་པ་དབྱི་ཡ་མངའ་སྡེ་དང་ཧྲང་ཧེ་བར་གྱི་ཕྱོགས་ཡོངས་ཀྱི་བརྗེ་རེས་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་ཀྲུང་གོ་དང་པ་ཞི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་རོགས་ཤུགས་འདོན་སྤྲོད་བྱེད་ཐུབ་ཟེར།

པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲང་ཁུན་གྱིས་བཤད་རྒྱུར།  སྐད་ཆ་དང་རིག་གནས། ལོ་རྒྱུས་ཀྱི་བར་ཁྱད་ཀྱིས་རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་མི་རྣམས་ལ་འདུ་ཤེས་དང་བསམ་བློའི་སྟེང་གི་བཀག་རྒྱ་བཟོས་ཡོད་པས།  ཕན་ཚུན་གྱི་སྐད་ཆ་དང་ལོ་རྒྱུས།  རིག་གནས་ལ་སློབ་སྦྱོང་བྱེད་རྒྱུ་ནི་བཀག་རྒྱ་དེ་སེལ་བའི་གོམ་པ་དང་པོ་ཡིན་ཟེར།

སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་།  པ་དབྱི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱིས་པ་ཞི་ས་གནས་ཀྱི་གླུ་དབྱངས་དང་ཞབས་བྲོ།  ཟློས་གར་འཁྲབ་སྟོན་བྱས།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།