ཅིན་ཀྲིན་ཨིན་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཨུ་རུ་སིའི་མཐའ་མཚམས་གྲོང་ཁྱེར་ཧ་སང་དུ་འབྱོར།
2023.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།    ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཨུ་རུ་སིའི་མཐའ་མཚམས་གྲོང་ཁྱེར་ཧ་སང་དུ་འབྱོར།

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བཤད་རྒྱུར།  ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཁྲའོ་ཞན་དང་ཨུ་རུ་སིའི་བར་གྱི་མཛའ་བརྩེ་མཉམ་ལས་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཟེར།

བསྒྲགས་པ་ལྟར་ན།   ས་དེའི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་དྲུག་སྟེང་།  ཅིན་ཀྲིན་ཨིན་བསྡད་པའི་ཆེད་བཏང་མེ་འཁོར་ཧ་སང་མེ་འཁོར་ས་ཚིགས་སུ་འབྱོར།   ཅིན་ཀྲིན་ཨིན་གྱིས་མེ་འཁོར་ས་ཚིགས་ནས་ཨུ་རུ་སིའི་དཔོན་རིགས་དང་ཐུག་འཕྲད་བྱས་རྗེས།   དམིགས་སར་ཆས་པ་རེད།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།