2023ལོའི་ཕྱི་འབྲེལ་དཔོན་པོའི་ཀྲུང་གོའི་རིག་གནས་གླེང་སྟེགས་རྒྱལ་ཁའི་ངང་བསྡུས།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། 2023ལོའི་ཕྱི་འབྲེལ་དཔོན་པོའི་ཀྲུང་གོའི་རིག་གནས་གླེང་སྟེགས་ཁྲང་ཧྲ་ནས་རྒྱལ་ཁའི་ངང་བསྡུས། ཐེངས་འདིའི་གླེང་སྟེགས་དེར་ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིན་གྱིས་མཛུབ་སྟོན་བྱས་པ་དང་། ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ལ། ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཕྱི་ཕྱོགས་བརྗེ་རེས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཐཱན་སྙོམས་སྦྱོར་ལྗང་མདོག་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་རེད། དེའི་དམིགས་འབེན་ནི་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཧུའུ་ནན་རིག་གནས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། ཀྲུང་ཕྱིའི་རིག་གནས་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་བརྟན་དམངས་བདེ་དང་མིའི་རིགས་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། མདུན་ལྗོངས་མཉམ་སྤྱོད་བྱེད་པའི་མཛེས་སྡུག་གི་སྨོན་འདུན་མཚོན་པར་བྱེད་རྒྱུ་དེ་རེད།

ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ལི་ཟུར་པ་ཁུའུ་པ་ཐི་པེ་ཁི.པོ་ལའོ་ནའོ་ཧྥུའུ་དང་། སོ་མ་ལིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཨ་ཝ་ལའེ.ཨ་ལེ.ཁུའུ་ལ་ནེ། ཨེ་ཙེ་ཨོ་ཕི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་གཞོན་པ་ཏ་ཝ་ནའོ.ཁི་ཏེ་ཨེར། ལའོ་ཝའོ་ཡི་ཁྲང་ཧྲ་རུ་སྡོད་པའི་ས་གནས་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ་གཞོན་པ་ཏ་ཕིན་སོགས་རྒྱལ་ཁབ་བརྒྱད་ནས་ཡོང་བའི་སྐུ་མགྲོན་དང་། ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཁྲིན་ཅུན། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་པོ་ཨན་རན། ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཐཱན་སྙོམས་སྦྱོར་ལྗང་མདོག་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཧྥུའུ་ཅན། ཀྲུང་གོའི་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་མཐུན་ཚོགས་ཕྱི་ཕྱོགས་བརྗེ་རེས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་སུན་དབྱིན་ཅེ། ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད། མཁས་བརྒྱ་འཆད་སྟེགས་ཀྱི་གཙོ་འཆད་པ། མིང་དུ་གྲགས་པའི་ལོ་རྒྱུས་རིག་གནས་པ། རྩོམ་པ་པོ་ཝེ་ཞིན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས། ཆེད་ཞུས་སྐུ་མགྲོན་ཏེ་ནོར་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན། ཨ་མེ་རུ་ཁའི་ཅ་ཀྲིག་སློབ་གྲྭ་ཆེན་མོའི་ཁི་ལིས་ཡན་ལག་སློབ་གྲྭའི་དངོས་ལུགས་རིག་པའི་དགེ་རྒན་ཆེན་མོ་ཆའོ་ཀྲི.སི་མུའུ་ཐི་བརྙན་རིས་ཀྱི་ལམ་ནས་ཐེངས་འདིའི་གླེང་སྟེགས་ལ་ཞུགས།

གླེང་སྟེགས་སྟེང་། ཧུའུ་ནན་གྱིས་གཙགས་དྲུབ་སོགས་ཧུའུ་ནན་གྱི་རིག་གནས་འགྲེམ་སྟོན་བྱས་པར་མ་ཟད། རྒྱལ་ཁབ་བརྒྱད་ཀྱི་སྐུ་མགྲོན་ལ་ལེགས་སྐྱེས་སུ་ཕུལ་ལ། རིག་གནས་བརྗེ་རེས་དཔེ་ལྟ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་དང་ཧུའུ་ནན་རིག་གནས་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།