ཨུ་རུ་སིས་ཨ་མེ་རུ་ཁའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཉིས་དུས་བཀག་ལྟར་ཨུ་རུ་སི་ནས་ཁ་འབྲལ་རྒྱུའི་རེ་བ་བཏོན།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིས་ཨ་མེ་རུ་ཁའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཁང་གི་རིམ་པ་དང་པོའི་དྲུང་ཡིག་ཅེ་ཧྥུའུ་ལིས.ཞི་ལེན་དང་རིམ་པ་གཉིས་པའི་དྲུང་ཡིག་ཏ་ཝེ.པོ་ཨིན་སི་ཐན་གྱི་སྤྱོད་ཚུལ་ཕྱི་འབྲེལ་མི་སྣའི་ཐོབ་ཐང་དང་མི་མཐུན་པས། མི་དེ་གཉིས་དགའ་བསུ་མི་ཐོབ་པའི་མི་ཡིན་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཁོ་གཉིས་ཉིན་བདུན་ནང་ཨུ་རུ་སི་ནས་ཁ་འབྲལ་རྒྱུའི་རེ་བ་བཏོན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨ་མེ་རུ་ཁའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལེན་ཨིན.ཐི་ལེ་ཞི་ལ་ཐུག་འཕྲད་བྱས་པར་མ་ཟད་བརྡ་ཡིག་སྤྲད་དེ། གོང་གསལ་གྱི་ཐག་གཅོད་ཁྱབ་བསྒྲགས་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཞི་ལེན་དང་པོ་ཨིན་སི་ཐན་གཉིས་ཀྱིས་ཨུ་རུ་སིའི་སྤྱི་དམངས་ལའོ་པོ་ཐི.ཧྲོ་ནའོ་ཧྥུའུ་བར་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་པར་མ་ཟད་ཁྲིམས་འགལ་བྱ་འགུལ་སྤེལ་བ་དང་། ཧྲོ་ནའོ་ཧྥུའུ་ཡིས་ཕྱི་རྒྱལ་གྱི་སྲིད་གཞུང་བར་གསང་བའི་མཉམ་ལས་སྤེལ་ཞིང་། ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་ལ་གནོད་བྱེད་པའི་ལས་འགན་དང་ལེན་བྱས་པར་མ་ཟད་དངོས་པོའི་བྱ་དགའ་ཐོབ་པ་ཉེས་འཛུགས་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།