ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ལཱ་ཐའོ་ཝེ་ཡཱའི་ཙུང་ལི་ཨེ་ཝེ་ཁཱ་ཞི་ལེ་ནེ་ཡཱ་ཡིས་སྐབས་གསར་བའི་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ལཱ་ཐའོ་ཝེ་ཡཱའི་ཙུང་ལི་ཨེ་ཝེ་ཁཱ་ཞི་ལེ་ནེ་ཡཱ་ཡིས་སྐབས་གསར་བའི་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ལཱ་ཐའོ་ཝེ་ཡཱའི་གྲོས་ཁང་གིས་ཚེས་བཅོ་ལྔ་ཉིན་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད་པ་དང་། སྐབས་སྔོན་མའི་སྲིད་གཞུང་གི་ཕན་བདེ་ལས་དོན་པུའུ་ཀྲང་གི་འགན་ཁུར་བའི་ཨེ་ཝེ་ཁཱ་ཞི་ལེ་ནེ་ཡཱ་ཡིས་ཙུང་ལིའི་འགན་ཁུར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྐབས་གསར་བའི་སྲིད་གཞུང་དེ་གཅིག་གྱུར་ཏང་གསར་བ་དང་། ལྗང་མདོག་ཏང་། ཞིང་བའི་མནའ་འབྲེལ། གོང་སྤེལ་ཏང་བཅས་ཀྱིས་གྲུབ་ཡོད། སྐབས་སྔོན་མའི་སྲིད་གཞུང་གི་ཙུང་ལི་ཁཱ་ལིན་སི་ཡིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་བ་དང་། གྲོས་ཁང་གི་ཡོ་རོབ་གླིང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་ཕུའུ་ལུའུ་ཙི་ཡིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར། སྐབས་སྔོན་མའི་སྲིད་གཞུང་གི་ནོར་སྲིད་བློན་ཆེན་དང་ཁྲིམས་འཛིན་བློ་ཆེན། སློབ་གསོ་དང་ཚན་རིག་བློན་ཆེན་བཅས་ཀྱི་ལས་གནས་སོར་འཇོག་བྱས་ཡོད།
ཞི་ལེ་ནེ་ཡཱ་ཡིས་གྲོས་ཁང་གི་འདེམ་ཤོག་མ་འཕངས་གོང་གཏམ་བཤད་སྤེལ་ཏེ། སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་མི་དམངས་ཀྱིས་རྒྱལ་ཁབ་ཀྱིས་མང་ཚོགས་ལ་སྔར་ལས་སེམས་ཁུར་བྱེད་པ་དང་མི་ཆོས་སྙིང་སྟོབས་སྔར་ལས་ལྷག་པ། སྤྱི་ཚོགས་སྔར་ལས་འདྲ་མཉམ་ཡིན་པ་མྱོང་དུ་འཇུག་རྒྱུ་དེ་ཡིན་ཟེར།
ཞི་ལེ་ནེ་ཡཱ་ནི་གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོར་སྐྱེས་པ་དང་། ལཱ་ཐའོ་ཝེ་ཡཱ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ་ཕན་བདེ་ལས་དོན་གྱི་པུའུ་ཀྲང་གི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།