ཨ་མེ་རི་ཁའི་ཞི་ཡཱ་ཐུའུ་ཉེན་རྟོག་པས་ལམ་འགྲོ་བར་ཐོ་བརྒྱབ་ནས་བསད་རྗེས་ཁྲེལ་དགོད་བྱས་པའི་བྱ་སྤྱོད་ལ་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཝ་ཧྲིན་ཐོན་མངའ་སྡེའི་ཞི་ཡཱ་ཐུའུ་མང་ཚོགས་ཀྱིས་ཚེས་བཅུ་བཞི་ཉིན་ཁྲོམ་སྐོར་བྱས་ཏེ། ས་དེའི་ཉེན་རྟོག་ཕྱོགས་ཀྱི་ལུགས་མཐུན་མིན་པའི་ཁྲིམས་འཛིན་བྱ་སྤྱོད་ལ་ངོ་རྒོལ་བྱས། ད་ལོའི་ཟླ་དང་པོར། ཕ་ཡུལ་རྒྱ་གར་ནས་ཡིན་པའི་སློབ་མ་ཞིག་ཞི་ཡཱ་ཐུའུ་ནས་གཞུང་ལམ་བརྒལ་སྐབས་ཉེན་རྟོག་པའི་རླངས་འཁོར་ཞིག་གིས་ཐོ་བརྒྱབ་ནས་རྐྱེན་ལམ་དུ་ཤོར། རྟོག་ཞིབ་བྱས་པ་ལས་མངོན་པ་ལྟར་ན། དོན་རྐྱེན་བཟོས་པའི་ཉེན་རྟོག་པའི་རླངས་འཁོར་དེ་མྱུར་ཚད་ལས་བརྒལ་ཡོད་པ་རེད། ཟླ་འདིའི་ཚེས་བཅུ་གཅིག་ཉིན། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་རྗེས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་སོང་བའི་ཞི་ཡཱ་ཐུའུ་ཉེན་རྟོག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨོ་ཏི་ལོས་ཨར་གྱི་ཁྲིམས་བསྟར་བརྙན་རིས་སྤེལ་བ་དང་། བརྙན་རིས་ལས་ཨོ་ཏི་ལོས་ཨར་གྱིས་གནོད་ཐེབས་མཁན་གྱི་ཚེ་སྲོག་ལ་རིན་ཐང་མེད་པར་ཁྲེལ་དགོད་བྱས་པར་མ་ཟད། གྲོང་ཁྱེར་སྲིད་གཞུང་གིས་མོར་སྒོར་མོས་སྐྱིན་ཚབ་ཙམ་སྤྲད་པས་ཆོག་པའི་ཚུལ་བསྟན། བརྙན་རིས་དེ་སྤེལ་རྗེས་མང་ཚོགས་དག་གིས་བྱ་སྤྱོད་དེར་ངོ་རྒོལ་དྲག་པོ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།