ཉེ་སྔོན་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྐོར་ཞིག་ས་དཀྱིལ་མཚོ་ཁོངས་བརྒྱུད་དེ་དབྱི་ཐཱ་ལེའི་ཆེས་ལྷོ་ཕྱོགས་ཀྱི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དུ་འབྱོར་ནས་གནས་བབ་རྙོག་འཛིང་དུ་གྱུར། ཚེས་བཅོ་ལྔ་ཉིན་བར་གཟའ་འཁོར་གཅིག་གི་རིང་ལ། ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་བདུན་ཙམ་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དུ་འབྱོར་བ་དང་། གླིང་ཕྲན་དེར་རྒྱུན་སྡོད་མི་གྲངས་སྟོང་དྲུག་ཡས་མས་ལས་མེད་པས། བཀོད་སྒྲིག་བྱ་བར་གནོན་ཤུགས་ཆེན་པོ་བྱུང་ཡོད། དབྱི་ཐཱ་ལེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་དང་ཧྥ་རན་སི་ཡིས་ཉེ་ལམ་མུ་མཐུད་དུ་དབྱི་ཐཱ་ལེའི་མཐའ་མཚམས་བར་གྱི་སྲིད་ཇུས་ཇེ་དམ་དུ་བཏང་ཡོད་ལ། དོན་དེར་དབྱི་ཐཱ་ལེ་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད། དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་ཐཱ་ལེ་ཡིས་མིག་སྔར་ཁུར་བཞིན་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་རང་གི་མངའ་ཁོངས་སུ་ཡོང་བའི་གནོན་ཤུགས་མུ་མཐུད་དུ་ཁུར་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།