ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བ་དང་རྒུད་སྐྱོབ་བྱ་བ་འགྲན་རྩོད་ལ་འཕྲད་ཡོད།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་དུ་དྲག་རླུང་དབང་གིས་ཆུ་ལོག་གི་གནོད་འཚེ་བྱུང་། གནོད་ཐེབས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཏུ་གྱུར་ཡོད་པ་རེད།

ལི་པུ་ཡཱའི་ཤར་ཕྱོགས་ཀྱི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་ཏི་ཨར་ནཱ་གྲོང་ཁྱེར་གྱི་གནོད་ཐེབས་རྗེས་ཀྱི་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ལི་པུ་ཡཱའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་རྒུད་སྐྱོབ་དཔུང་སྡེ་རང་འགུལ་གྱིས་རྩ་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱས།

རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པས་ཉེ་སྔོན་བསྟན་དོན། ས་དེར་འདས་པོ་མང་བོའི་བེམ་པོ་སྔར་བཞིན་འདམ་འོག་ཏུ་མནན་ཡོད་ལ། ལ་ལ་རྒྱ་མཚོའི་ནང་ཁུར་ཡོད། མིག་སྔར་རྒུད་སྐྱོབ་བྱ་བའི་འགྲན་རྩོད་གཙོ་བོ་ནི་བེམ་པོ་ཚང་མ་བཙལ་ནས་ཐག་གཅོད་བཟང་བོ་བྱེད་ཆེད་རེད། མིག་སྔར་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དག་བཟའ་བཏུང་དང་སྨན་རྫས། འཚོ་བའི་འཐུང་ཆུ་སོགས་དཀོན་པའི་གནད་དོན་ལ་འཕྲད་ཡོད་ཟེར། ལི་པུ་ཡཱའི་རྒྱལ་ས་ཏི་ལོས་པའོ་ལི་སོགས་ས་ཁུལ་དུ་སྡོད་དམངས་དག་གིས་རང་འགུལ་གྱིས་གནོད་ཐེབས་ས་ཁུལ་ལ་སྒོར་མོ་དང་དངོས་པོ་ཞལ་འདེབས་སུ་ཕུལ་ཡོད་ཟེར།

ལི་པུ་ཡཱའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོས་ཁྱབ་བསྒྲགས་བྱས་དོན། ཐེངས་འདིའི་ཏི་ཨར་ནཱ་གྲོང་ཁྱེར་ཉེ་འདབས་ཀྱི་ཆུ་རགས་ཆེན་མོ་གཉིས་རྡིབས་པའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྟོག་ཞིབ་རགས་ཙམ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རྡིབས་སྐྱོན་བྱུང་བའི་ཆུ་རགས་ཆེན་མོ་དེ་གཉིས་ལ་དེའི་སྔོན་ནས་ཞིག་གསོ་བྱེད་པའི་གས་སྲུབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།