སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་ཉེ་སྔོན་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་རྒྱལ་སྤྱིའི་གར་སྟེགས་སུ་དར་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ཇུས་ཁྲོད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད་ལ། ཀྲུང་གོས་བརྒྱུད་རིམ་དེའི་ཁྲོད་གནད་འགག་གི་ནུས་པ་ཐོན་ཡོད་ཟེར།
ཧྥོ་ལིང་ཞི་སི་ཡིས་ད་རུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཞུགས་ཏེ། ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།