མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གསུམ་དང་དགུ་བརྒྱ་ང་བརྒྱད་ལ་བསླེབས་པའི་ཚུལ་བསྟན།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བཅུ་བདུན་ཉིན་སྙན་ཞུ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལ་ཁུངས་བཅོལ་ནས་ལི་པུ་ཡཱའི་ཆུ་ལོག་གི་གནོད་འཚེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གསུམ་དང་དགུ་བརྒྱ་ང་བརྒྱད་ལ་བསླེབས་ཡོད་པ་དང་། གཞན་ཡང་མི་སྟོང་དགུ་ལྷག་གར་སོང་རྙེད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།