ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་དང་དེའི་ཉེ་འཁོར་ས་ཁུལ་དུ་སྐོར་ཐེངས་གསར་བའི་འཁྲུག་རྩོད་དྲག་པོ་བྱས། ཁཱ་ཐུའུ་མུའུ་བྱང་ཕྱོགས་ཀྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁང་དང་ཉེ་འདབས་ཀྱི་སུའུ་ཏན་ཁྲིམས་འཛིན་པུའུ་ཡི་ཐོག་ཁང་ཆེན་མོར་མེ་སྒྱོགས་ཐེབས་ནས་གཏོར་བརླག་བཏང་ཡོད། ཁཱ་ཐུའུ་མུའུ་ཡི་ས་རྟགས་རང་བཞིན་གྱི་བཟོ་བཀོད་ནེ་ལོ་རྡོ་སྣུམ་ལས་བཟོའི་ཀུང་ཟིའི་ཐོག་ཁང་ཆེན་མོར་ཚེས་བཅུ་བདུན་ཉིན་གྱི་ཞོགས་པ་ནས་བཟུང་མེ་སྐྱོན་ཆེན་པོ་བྱུང་། དུད་ནག་ལྷོག་ལྷོག་ཏུ་འཕྱུར་བ་སྤྱི་ལེ་འགའི་ཕྱི་རོལ་ནས་གསལ་བོར་མཐོང་ཐུབ། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཕ་རོལ་བས་བཟོ་བཀོད་སྒྲིག་ཆས་གལ་ཆེན་ལ་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།