ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་མུ་མཐུད་དུ་རྒྱ་ཡན་ལ་སོང་ནས་ས་ཁུལ་སྐོར་ཞིག་ཏུ་ཡུལ་གཞན་དུ་སྤོར་བའི་བཀའ་རྒྱ་གསར་བ་སྤེལ་ཡོད།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཁཱ་ནཱ་ཏཱའི་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ནགས་ཚལ་མེ་སྐྱོན་ཚབས་ཆེ་བའི་པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་དུ་མིག་སྔར་མེ་སྐྱོན་བྱུང་སའི་གནས་བཞི་བརྒྱ་ལྷག་ཡོད་པ་དང་། བསྟུད་མར་ནགས་ཚལ་མེ་སྐྱོན་གྱི་ཤུགས་རྐྱེན་ཐེབས་པས། ཞིང་ཆེན་དེའི་ཕིས་ཆི་ལན་ཉེ་འདབས་ས་ཁུལ་དུ་ཡུལ་གཞན་དུ་སྤོར་བའི་བཀའ་རྒྱ་གསར་བ་སྤེལ་ཡོད་ལ། ཉི་འོད་མཚོ་འགྲམ་ས་ཁུལ་དུ་དོགས་ཟོན་མཐོར་འདེགས་བྱས། ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཁཱ་ནཱ་ཏཱའི་ད་ལོའི་ནགས་ཚལ་མེ་སྐྱོན་བྱུང་བའི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བདུན་སྟོང་བཞིར་བསླེབས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།